Kezdőlap » Tibeti

ཆོས་ཀྱི་རྒྱལ་སྒོའི་ནང་བསྟན་སློབ་གླིང་གི་དཔེ་མཛོད་ཁང་གི་དྲ་གནས་ཁྱེད་རང་ལ་མཚམས་འདྲི་ཞུ།

མིང་ཚིག་འཚོལ་བའི་ ’Tipitaka’ ནི་ཅི་ཞིག་གི་དོན་དང་། གཅིག་བྱས་ན་རང་གི་མགོ་བརྩམས་མ་ཐག་ནས་དེ་ནི་སྡེ་ཁུལ་གྱི་དྲ་གནས་གསར་པ་ཞིག་རེད། དེ་ག་ཙམ་རེད།  ང་ཚོའི་དྲ་གནས་ཀྱི་མཐའ་སྐོར་ནས་ལྟོས་དང་། ཁྱོད་ཀྱིས་ངེས་པར་དུ་དྲིས་པའི་ལན་དེ་རྙེད་སྲིད། དེ་ནི་ཧ་ཅང་ཁྱད་པར་ཅན་ཞིག་རེད།

ང་ཚོའི་དཔེ་མཛོད་ཁང་ནི་དམིགས་བསལ་ཞིག་ཡིན། གང་ལགས་ཤེ་ན། དེ་ནི་མཐོ་རིམ་སློབ་གསོའི་དཔེ་མཛོད་ཁང་སྟེ། ཆོས་ཀྱི་རྒྱལ་སྒོའི་ནང་བསྟན་སློབ་གླིང་གི་རྟེན་གཞིའི་དཔེ་མཛོད་ཁང་ཡིན་པས་རིག་གཞུང་དང་། ཚན་རིག་ཞིབ་འཇུག སློབ་ཁྲིད་བཅས་ཀྱི་ལས་དོན་ལ་རྒྱབ་སྒྱོར་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཆོས་ཚོགས་ཁག་གི་ཆོས་དཔེ་རྣམས་དཔེ་མཛོད་ཁང་གིས་ནང་བསྟན་གྱི་གསུང་རབ་དང་འབྱུང་ཁུངས་བསྡུ་རུབ་དང་སྔོག་འདོན་བྱས་པ་མ་ཟད། ད་དུང་ནང་བསྟན་ཆོས་ཚོགས་ཀྱི་སྡེ་ཁུལ་ལའང་གོ་སྐབས་ཟུར་དུ་མཁོ་འདོན་བྱས་ཡོད། དེ་ནི་ཆེད་མངགས་ཀྱི་དཔེ་མཛོད་ཁང་ཞིག་རེད། གལ་ལགས་ཤེ་ན། དེ་ནི་ཧང་གྷ་རིའི་དཔེ་མཛོད་ཁང་ཁོངས་གཏོགས་ཀྱི་ཆ་ཤས་ཤིག་དང་། ཧང་གྷ་རིའི་ཤར་ཕྱོགས་རིག་པ་ཉར་ཚགས་བྱ་ཡུལ་གྱི་ལྟེ་བ་ཞིག་ཡིན་པས་རེད། དེ་ནི་རྟེན་རྫས་བཤམས་མཛོད་ཁང་གི་ཉར་ཚགས་དངོས་རྫས་ཡིན་ལ་རིན་ཐང་ཡོད་པའི་ཉར་ཚགས་བྱེད་མཁན་དང་། སྲུང་སྐྱོབ་བྱེད་མཁན།  ཨང་ཀི་ཅན་གྱི་དཔྱད་ཆས་བསྒྱུར་མཁན་བཅས་ཡིན། ང་ཚོའི་དམིགས་ཡུལ་གལ་ཆེ་ཤོས་ནི་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དཔེ་ཀློག་དང་རྣམ་གཞག་དབྱེ་ནས་ནང་བསྟན་གྱི་ཚད་ལྡན་ཡིག་ཆ་གསར་རྙིང་བརྒྱུད་བསྒྲགས་བྱེད་པ་དང་དུས་མཚུངས་རྒྱུན་ཆད་མེད་པར་རྗེས་སྙེགས་གསར་གཏོད་བྱེད་པའི་ཆེད་ལས་འཕེལ་ཕྱོགས་ལ་དམིགས་པ་དང་འབྲེལ་ IT ཐག་གཅོད་ཇུས་གཞི་ཐབས་ཤེས་གསར་ཤོས་སྤྱོད་རྒྱུ་དེ་རེད།

ང་ཚོས་སྟབས་བདེའི་ངང་ང་ཚོའི་དྲ་གནས་ཀྱི་དྲ་ངོས་མི་འདྲ་བའི་ཐོག་ནས་ཧང་གྷ་རིའི་སྐད་ཀྱི་ཐོག་ནས་ལྟ་ཀློག་བྱེད་པའི་ནང་དོན་ཕྱོགས་སྡོམ་བྱས་ཡོད།

ངོ་སྤྲོད་འདེམས་བྱང་གི་དྲ་ངོས་དང་འབྲེལ་ཡོད་དཔེ་མཛོད་ཁང་གི་ལོ་རྒྱུས་དང་། ཆ་འཕྲིན་མང་པོའི་གཞི་གྲངས་སྲིད་ཇུས་དང་མི་སྣའི་ཆ་འཕྲིན།

ང་ཚོའི་ཞབས་ཞུའི་ནང་གསུང་རབ་ཀྱི་དཔེ་མཛོད་ཁང་གི་ཞབས་ཞུ་༼བོགས་གཡར་དང་། རྒྱ་སྐྱེད། སྔོན་མངགས་ཁང་དབར་ཕན་ཚུན་གཡར་རེས། ཆ་འཕྲིན། ས་གནས་ས་ཐོག་ཏུ་ལྟ་ཀློགཉོ་སྒྲུབ་ཀྱི་གྲོས་འགོཚད་ལྡན་ཡིག་ཆ་ཞིབ་འཇུག གཞི་གྲངས་མང་མཛོད་བེད་སྤྱོད། བསྐྱར་དཔར།  རོལ་རྩེད་༽བཅས་ཚུད་ཡོད།  བཀོལ་སྤྱོད་བྱེད་པའི་སྒྲོམ་གཞི་དང་བྱེད་ཐབས་ལ་དཔེ་མཛོད་ཁང་གིས་ཟིན་བྲིས་སུ་བཏབ་པའི་བཀོལ་སྤྱོད་ཐབས་ཇུས་ཟེར།

ཕལ་ཆེར་ 21000 ཡིག་ཆ་སྣ་ཚོགས་འདེམས་བྱང་གི་ནང་། སྲོལ་རྒྱུན་གྱི་པར་འདེབས་༼དཔེ་དེབ་དང་། དུས་དེབ། ཆེད་རྩོམ་༽དང་བལྟ་ཉན་རྒྱུ་རིགས་ཕུད། ང་ཚོས་ད་དུང་ Ernő Hetényi, Zoltán Horváth,András Bánfalvy དང་། Antal Weninger ཡི་ཤུལ་བཞག་རྒྱུ་ཆ་འདོན་སྤྲོད་བྱེད་ཀྱི་ཡོད། ང་ཚོའི་དམིགས་བསལ་གྱི་ཉར་ཚགས་དངོས་རྫས་ཁྲོད། ང་ཚོས་དབྱིན་སྐད་དང་། ཝེ་ཐེ་ནམ་གྱི་སྐད། འབར་མའི་སྐད་བཅས་པར་གཞི་བྱས་པའི་ ”ཁ་རན་སྡེ་སྣོད་” གཙོ་གནད་ཐོག་ངོ་སྤྲོད་བྱས་ཡོད་མོད། འོན་ཀྱང་ང་ཚོས་ཐེ་གོའི་སྐད་དང་། ཁམ་ཕུ་ཁྲེའི་སྐད། ལོ་སི་ཡི་སྐད། ལྷོ་ཁོ་རེ་ཡའི་སྐད་དང་། འཇར་ཕན་གྱི་སྐད། རྒྱ་སྐད། འབྲུག་ཡུལ་གྱི་སྐད། མ་ལེ་ཤེ་ཡི་སྐད། བལ་པོའི་སྐད། ཤི་རི་ལན་ཀའི་སྐད། སོག་སྐད་བཅས་ཞིབ་འཇུག་མི་སྣར་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁྱོད་ཀྱིས་ “Whitehead Foundation” ཀྱི་པར་འགྲེམས་དངོས་པོ་རྙེད་ཐུབ། དབྱིན་ཇིའི “Amaravati དགོན་པ་”དབྱིན་ཡིག་ལ་བརྟེན་ནས་ཡིད་རྟོན་བྱེད་མཁན། གཙོ་བོ་བཞུགས་པའི་ཐེག་དམན་ནང་བསྟན་གྱི་གསོལ་རས་གནང་བ་དང་འབྲེལ་བ་ཡོད།  ཡང་ན་“རྒྱ་གར་ཀྱི་Motilal Banarsidas”ཡི་གཏོང་ཕོད་ཆེན་པོའི་ཞལ་འདེབས་ལས་འོང་བ་རེད།
ང་ཚོའི་དཔེ་གཟིགས་ཁང་དུ་ཁྱེད་ཀྱིས་ “Béla Hamvas” ཞེས་པའི་བརྩམས་ཆོས་དང་དེ་བཞིན་ “Sándor Kőrösi Csoma” ཡི་འབྲེལ་ཡོད་བརྩམས་ཆོས་རྙེད་ཐུབ། ང་ཚོས་ནང་བསྟན་གྱི་རྩོམ་པ་པོ་དང་འབྱུང་ཁུངས་ནི་ཁོང་ཚོའི་གདོད་མའི་སྐད་ཡིག་དང་འཛམ་གླིང་གི་སྐད་ཡིག་ཡིན། ང་ཚོས་ནང་བསྟན་ཆོས་ལུགས་སྤེལ་བ་དང་པར་རིས་དམིགས་བསལ་ཅན་དེ་དག་གི་ནང་དུ་དུས་རབས་20ལས་བརྒལ་བའི་ངོ་མཚར་རིང་ལུགས་པ་1000དང་། ཧང་གྷ་རིའི་འཁྲབ་སྟོན་པ་གྲགས་ཅན། ཆབ་སྲིད་མཁས་ཅན་དང་སྐད་གྲགས་ཆེ་བའི་ཤར་ཕྱོགས་རིག་པ་མཁས་ཅན་གྱི་འདྲ་པར་བཅས་བསྡུས་ཡོད།

གློག་རྡུལ་ཐོན་ཁུངས་ཀྱི་ཚལ་ཐོ་དང་། ས་གནས་དེ་གའི་གྲངས་གཞི་མང་པོའི་མཛོད། གློག་རྡུལ་དུས་དེབ། ང་ཚོས་ངོ་སྤྲོད་བྱས་པར་གཞིགས་ན་གློག་རྡུལ་དཔེ་དེབ་ཀྱི་སྦྲེལ་མཐུད་བཤེར་འཚོལ་དང་། མགྱོགས་མྱུར་འབྲེལ་མཐུད་འདེམས་ཚན། ང་ཚོས་གྲ་སྒྲིག་བྱས་སོང་། ང་ཚོས་དཀར་ཆག་ཞིབ་ཏུ་བརྗོད་པ་དང་། མ་ཟད་རི་མོ་བཅད་ལེན་བྱས་ཡོད། འདིར་ཁྱོད་ཀྱིས་ཕན་ཐོགས་པའི་འབྲེལ་བ་དེ་ཧང་གྷ་རི་དང་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་དང་ཁོ་ཚོའི་དཀར་ཆག་ནང་དུ་འཚོལ་ཐུབ། དེ་བཞིན་རིན་མེད་མཁོ་འདོན་བྱས་པའི་ཚན་རིག་གི་ནང་དོན་བཅས་ཚུད་ཡོད།

ང་ཚོའི་རྟོག་བཟོས་དཔེ་གཟིགས་ཁང་གི་བརྩམས་ཆོས་གལ་ཆེ་ཤོས་ནི་ང་ཚོས་སྲོལ་རྒྱུན་དང་དྲ་ཐོག་འགྲེམས་སྟོན་ཁྲོད་དུ་བསྟན་པའི་ ”སངས་རྒྱས་ཀྱི་བསྟན་བཅོས” བམ་པོ་དེ་རེད། རྩོམ་པ་པོ་དང་། སྒྱུར་མཁན། དཔེ་སྐྲུན་དངོས་པོར་འགྲེལ་བཤད་ཀྱི་གལ་ཆེའི་རང་བཞིན་ནན་པོའི་སྒོ་ནས་ཞིབ་བརྗོད་བྱེད་པ།
ང་ཚོས་ང་ཚོའི་དཔེ་མཛོད་ཁང་གི་ཉར་ཚགས་དང་ཞབས་ཞུ་ལ་སྤྲོ་བ་ཡོད་པའི་མི་སུ་དང་འབྲེལ་བ་བྱེད་པར་རེ་སྒུག་བྱེད་ཡོད། དེ་ཡང་ང་ཚོས་ད་ལྟ་འཚོལ་བཞིན་ཡོད། དཔེ་མཛོད་ཁང་གི་ལས་རོགས་བརྗེ་རེས། མཉམ་འབྲེལ་རེ་ཞུ་དང་། རྒྱལ་མཚམས་ཀྱི་དབྱེ་བ་མེད་པར། ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་དེབ་ཞལ་འདེབས་རྒྱག་མཁན་གྱིས་སྔོན་ལ་གྲོས་མོལ་བྱས་རྗེས་དང་ལེན་དང་། འཛམ་གླིང་གི་སྐད་ཡིག་ལ་བརྟེན་ནས་པར་སྐྲུན་དང་།ནང་བསྟན་གྱི་ཡན་ལག་གང་རུང་དང་ཡང་ན་ཡན་ལག་དང་འབྲེལ་བ་ཡོད་པའི་གསུང་རྩོམ།

ང་ཚོའི་ཁ་བྱང་།
A Tan Kapuja Buddhista Főiskola Szakkönyvtára
Magyarország
1098 Budapest, Börzsöny u. 13.
library@tkbf.hu